རང་དབང་གི་དཔལ་འབར། FREEDOM TORCH

རང་དབང་གི་དཔལ་འབར། ཞེས་པ་ནི་ནིའུ་ཡོག་གི་བོད་མི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་གྱི་ཟླ་རེའི་བོད་ཡིག་ཚགས་པར་ཞིག་ཡིན། ཚགས་པར་འདི་ནིའུ་ཡོག་འཇག་སན་ཧའེ་ཊི་ནས་ས་མཐོ་ཨེ་ཤི་ཡ་ཉམས་ཞིབ་ཁང་གིས་འགྲེམས་སྤེལ་ཞུ་བཞིན་ཡོད་ལ། ནང་དོན་གཙོ་བོར་ས་གནས་ཀྱི་གསར་འགྱུར་དང་སྤྱི་ཚོགས་ཀྱི་གསལ་བསྒྲགས་ཁག་མ་ཟད། བོད་ནང་གི་གནས་ཚུལ་དང་། བཙན་བྱོལ་སྤྱི་ཚོགས། རྒྱལ་སྤྱིའི་གནད་དོན་བཅས་ཀྱི་སྐོར་འཁོད་ཡོད། ཚགས་པར་གྱི་ནང་དོན་ཕལ་མོ་ཆེ་བོད་ཡིག་ཐོག་ཡིན་པས། རང་དབང་གི་དཔལ་འབར་ནི་ཡིད་རྟོན་རུང་བའི་གསར་འགྱུར་གྱི་འབྱུང་ཁུངས་ཤིག་ཙམ་མ་ཡིན་པར། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་གསོན་པོར་གནས་སའི་གླེང་སྟེགས་ཤིག་དང་། མི་རབས་རྒན་གཞོན་བར་གྱི་ཟམ་པ་ཞིག དེ་བཞིན་ནིའུ་ཡོག་གནས་སྡོད་བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་ཐོག་ནས་སོ་སོའི་སྐད་སྒྲ་དང་། ལོ་རྒྱུས། སེམས་ཁུར་བཅས་མཉམ་སྤྱོད་བྱེད་སའི་སྡིངས་ཆ་ཞིག་ཏུ་འགྱུར་ཐབས་ཞུ་བཞིན་ཡོད།།

Freedom Torch: Issue - 1

Full news here